Description
༸སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་ ཆེད་བསྩལ་གནང་བའི་སྔོན་དུ་གླེང་བའི་གཏམ།
བསྐལ་པ་བརྒྱའི་ཆར་ཡང་ཆེས་འབྱུང་བར་དཀོན་པའི་ྋསྐྱབས་རྗེ་ཡོངས་ འཛིན་སྨྲ་བའི་དབང་པོ་མཆོག་སྐུ་སྐྱེ་བ་མི་རུ་བཞེས་ནས་མི་ལོ་ཧྲིལ་པོ་བརྒྱ་འཁོར་ བའི་༼བརྒྱ་སྟོན་གསེར་གྱི་ཉི་མའི་༽དུས་ཆེན་ཁྱད་པར་ཅན་དང་བསྟུན་ ཏེ། ྋསྐྱབས་རྗེ་མཆོག་གིས་སྐུ་ཚེ་གང་པོར་རྒྱལ་སྲས་གཡུང་དྲུང་སེམས་དཔའི་ མཛད་བཟང་བསྐྱངས་ནས། གཡུང་དྲུང་བོན་གྱི་བསྟན་པ་ལ་རྒྱལ་བ་གཤེན་རབ་ མི་བོ་སླར་ཡང་མི་ཡུལ་དུ་ཕེབས་པ་ལྟ་བུའི་འཕྲིན་ལས་མཛད་པ་རྣམས་རྗེས་དྲན་ དང་། དཔལ་ལྡན་བླ་མའི་རྣམ་ཐར་མ་འོངས་ལོ་རྒྱུས་ཀྱི་བང་མཛོད་དུ་ཡུན་རིང་ གནས་པའི་ཆེད་དུ་ྋསྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ གི་དབུས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཙའ་སྐྱོང་ལྷན་ཚོགས་ཀྱི་ལམ་སྟོན་ འོག བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཚོགས་པ་ནས་བརྒྱ་སྟོན་ཤིས་རྩོམ་ཕྱོགས་ བསྒྲིགས«ལྷ་མི་དགའ་བའི་མཆོད་དབྱངས། བསྐལ་པ་སྟོང་གི་གཟི་བརྗིད»ཅེས་ པའི་དཔེ་དེབ་ཅིག་འགྲེམ་སྤེལ་བྱ་འཆར་ཡོད་པ་བཞིན། སྐྱབས་རྗེ་མཆོག་གི་ མཛད་རྣམ་ལ་རྒྱུས་མངའ་ཡོད་པའི་སློབ་མ་རྣམས་ཀྱི་གཙོས་འཛམ་གླིང་ས་ཕྱོགས་ གང་སར་བཞུགས་པའི་བོན་དང་འབྲེལ་ཡོད་རྣམས་ལ་སྐུ་ཚེའི་རྣམ་ཐར་དང་ འབྲེལ་བའི་བརྒྱ་སྟོན་ཤིས་ཚིག་འབྲི་བའི་གསལ་བརྡ་ཞུས་པ་ལྟར། སྨྱུག་ཐོགས་པ་ གང་མང་གིས་དད་གུས་དང་རང་མོས་ཀྱི་ཐོག་ནས་ྋསྐྱབས་རྗེ་མཆོག་གི་རྣམ་ཐར་ དང་འབྲེལ་བའི་བརྒྱ་སྟོན་ཤིས་ཚིག་གནང་བར་རྗེས་སུ་ཡི་རང་ཞུ་འོས་ཏེ། རང་ ཅག་གི་བསྟན་པ་འདི་ལ་བསམ་ན་སྐྱབས་རྗེ་མཆོག་ལྟ་བུའི་བཀའ་དྲིན་དང་མཛད་